འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་གསལ་བསྒྲག །
ཤོ་དགོན་རྙེད་ཡོད་མེད་བསྐོར་བགྲོ་གླེང་།
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཐོག་མ་བཀྲ་ཤིས་ཤོ་དགོན་གྱི་གནས་གང་དུ་ཡོད་མེད་ལོ་མང་ཉམས་ཞིབ་བྱས་པའི་གྲུབ་དོན་རྙེད་ཡོད་མེད་བསྐོར་བགྲོ་གླེང་དང་ཚོགས་འདུ་ཚོགས་པའི་རྣམ་པ་ཞིག་ཡིན།
མཐར་མཇུག་ལ། གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ལམ་སྟོན་གཏམ་བཤད་ཀྱི་ནང་དོན་སྙིང་པོ་ནི།
རིན་པོ་ཆེ་མཆོག་གིས་གསུངས་པ།
གདན་ས་ཤོ་དགོན་གྱི་གནས་ཤུལ་དེ་ང་ཚོས་ལོ་མང་འགོགས་ཀྱང་རུང་ནན་ཏན་ཆེན་པོས་ཉུལ་ཞིབ་བྱེད་དགོས་པ་ཞིག་རེད། དེ་ཡང་དཔང་རྟགས་ཆ་མེད་ཡ་མེད་འགའ་ཞིག་ལ་གཞི་བཅོལ་ནས་ངོས་འཛིན་གཏན་ནས་བྱེད་མི་རུང་། གང་ཡིན་ཟེར་ན། ང་ཚོའི་གདན་ས་དེའི་གནས་དེ་སྨར་ཁམས་ཀྱི་ཁོངས་སུ་ཡོད་ན་འདྲ། བྲག་གཡབ་ཀྱི་ཁོངས་སུ་ཡོད་ན་འདྲ། ད་དུང་གོ་ཇོའི་ཁོངས་སུ་ཡོད་སྲིད་པ་རེད། ས་དེ་ཤོ་དགོན་གྱི་གནས་ཡིན་མིན་སྐྱེས་དངོས་རྙིང་པ་དང་། ཆོས་རྗེ་སྨར་པས་ཤོ་དགོན་གྱི་གནས་བཤད་། ས་སྐྱ་པཎ་ཆེན་གྱིས་ཤོ་དགོན་ལ་ཕུལ་བའི་སྤྲིངས་ཡིག ཆོས་རྗེ་སྨར་པའི་དངོས་སློབ་གྲུབ་ཆེན་གཤའ་པ་ཤེས་རབ་གྲགས་པའི་རྟོགས་བརྗོད་སོགས་ལོ་རྒྱུས་ཡར་ཁ་ཐག་ཉེ་བའི་རིགས་ལ་གཞི་བཅོལ་ནས་འཚོལ་དགོས་གལ་ཆེ་བ་ཡིན། ང་ཚོ་ནོར་འཁྲུལ་གཏན་ནས་མེད་པའི་དགོན་ཤུལ་དེ་རྙེད་སོང་ན་གནས་དེ་རྒྱལ་སྤྱིའི་ཁྲིམས་ལུགས་དང་མཐུན་པ་ཚུལ་བླང་ཐུབ་པའི་ཆེད་དུ་ཁྲིམས་ལུགས་དང་མཐུན་པའི་དཔང་རྟགས་གྲལ་བསྒྲིག་བྱ་དགོས་ངེས་རེད། དཔེར་ན། བྲག་གཡབ་ཀྱི་ས་ལ་ད་ལྟ་ཤོ་དགོན་གྱི་གནས་ཡིན་ཟེར་བའི་ཁག་གཉིས་པོ་དེ་གཅིག་ཡིན་པ་གཏན་ཁེལ་སོང་ན། ཡུལ་མི་རང་གིས་ས་དེ་ཤོ་དགོན་གྱི་གནས་ཡིན་རབས་བྲིས་པ་རྣམས་བསྡུ་རུབ་བྱས་བཞིན་པ་ལྟར། ད་དུང་གསར་པ་ཐོན་ཚད་བསྡུ་རུབ་བྱས་དགོས། ཡུལ་དེའི་མི་སྣ་གལ་ཆེན་གྱིས་བྲིས་པ་དང་བཤད་པའི་སྒྲ་ཐག་མཁོ་བསྒྲུབ་བྱེད་དགོས་པ་རེད། མ་འོངས་པ་བོད་དེ་རང་ས་རང་བདག་གི་དུས་ཤིག་ཤར་བའི་ཉིན་མོར་ཁྲིམས་ལུགས་ལག་བསྟར་བྱེད་ནས་དགོན་པའི་གནས་ཤུལ་དེ་ཚུལ་བླང་དུས་དེ་དག་དཔང་བརྟགས་ཆེན་ཤོས་ཤིག་གྱུར་ངེས་རེད།
ཤོ་དགོན་ཆགས་སའི་ཉེ་འཁོར་གྲོང་པ་ཐམས་ཅད་དགེ་ལུགས་དང་ཡང་ན་ཆོས་ལུགས་གཞན་ཞིག་ལ་འགྱུར་ཟིན་ཀྱང་གནས་དེ་ཚུལ་བླང་ཆོག་པ་རྒྱལ་སྤྱིའི་ཁྲིམས་ལུགས་ནང་དུ་ཡོད་པ་རེད། དཔེར་ན། ནང་པའི་གནས་ཆེན་རྡོ་རྗེ་གདན། ན་ལེ་ཌ། ཝ་ར་ན་སི་སོགས་ཉེར་འཁོར་ཡོངས་རྫོགས་མུ་སྟིགས་པ་གྱུར་ཟིན་ཀྱང་ནང་པས་ཆོས་ཚོགས་བཙུགས་ནས་ཚོགས་པའི་མིང་ཐོག་ནས་ཁྲིམས་ལ་སྐྱལ་ནས་ཚུལ་བླངས་ཐུབ་པ་དང་། དེ་བཞིན་དུ་རྒྱ་གར་དང་། ཡེ་ཤུས་ཆོས་ལུགས་སོགས་ཆོས་བརྒྱུད་དེ་ཐོག་མ་གང་ནས་དར་བའི་ས་དེ་ཆོས་ལུགས་དེའི་ངོས་ནས་བྱིན་རླབས་ཆེ་བ་དང་རིན་ཐང་ཆེ་བ་བརྩིས་སྲོལ་ཡོད་པའི་གནས་དེ། གཞན་གྱིས་དབང་བསྒྱུར་བྱས་ནས་ཆོས་ལུགས་གཞན་དུ་བསྒྱུར་ཟིན་ཀྱང་གནས་དེ་ཆོས་ལུགས་དེ་རྒྱུན་འཛིན་ཚོས་རྩོད་ལེན་བྱེད་ཆོག་པ་ལྟར། ལེན་ཐུབ་པའི་དཔེ་མཚོན་མང་པོ་རེད། ང་ཚོ་སྨར་ཚང་བཀའ་བརྒྱུད་ཀྱི་གདན་ས་ཤོ་དགོན་དེ་སོག་པོ་དང་གོང་ས་ལྔ་པས་གཏོར་བཤིག་བཏང་བའི་ལོ་རྒྱུས་ཀྱི་དཔང་བརྟགས་བཙུགས་ནས་ཚུལ་བླང་ཐུབ་ཐབས་བྱེད་དགོས་པ་རེད། འདི་ང་གསོན་པོ་བསྡད་པའི་རིང་ལ་གོ་སྐབས་བྱུང་ན་ངེས་པར་བླང་རྒྱུ་ཡིན། གལ་ཏེ་ང་ཤི་སོང་ན་ཁྱོད་ཚོ་ལ་ཁ་ཆས་ལྟ་བུ་ཡིན་ཟེར་ན་མི་འོས་པ་མེད་ཅེས་སོགས་བཀའ་སློབ་ལམ་སྟོན་གནང་ཡོད་པ་རེད།
ལོན་སྒྲོན་སྨར་ཚང་བཀའ་བརྒྱུད་ཀྱིས་ཆོས་རྗེ་སྨར་པ་རིན་པོ་ཆེའི་བདེ་བར་གཤེགས་པའི་ཉིན་མོར་མཆོད་སྤྲིན་བཤམ་པའི་ཟུར་ཞིག་ཡིན།
ལོན་སྒྲོན་སྨར་ཚང་བཀའ་བརྒྱུད་ཆོས་ཚོགས་བཤད་སྒྲུབ་དར་རྒྱས་གླིང་གི་མཆོད་སྤྲིན།
སྨར་ཚང་བཀའ་བརྒྱུད་ཆོས་ཚོགས་ཀྱི་མཛད་རིམ་གྲལ་སྒྲིག་གནང་བཞིན་པ།
འདི་དབྱིན་ལེན་སྨར་ཚང་བཀའ་བརྒྱུད་མཛད་རིམ་བཤམ་གསལ་འོག་ཏུ་གཟིགས་རོགས།
སྨར་ཚང་བཀའ་བརྒྱུད་ཐེ་ཝན་ཆོས་ཚོགས་ཀྱི་མཛད་རིམ་རེའུ་མིག་ལ་གཟིགས་རོགས།
རྒྱ་ནག་དང་ཤང་ཀང་ནས་བཀའ་བརྒྱུད་ཀྱི་ལོ་རྒྱུས་བརྙན་འཕྲིན་བཟོ་མཁན་ཚོགས་སྡེ་ཞིག་གིས་སྨར་ཚང་བཀའ་བརྒྱུད་དཔལ་ཡོན་ལ་འདྲེས་ཚུལ་བརྙན་འཕྲིན་དུམ་བུ་གཅིག་ You Tube་ནང་བཏང་བ་དེ་སྨར་ཚང་ལས་ཁུངས་ནས་ཕྱིར་བསྡུ་དགོས་ཚུལ་གསལ་བསྒྲག་ལྟར་བླང་དོར་ལེགས་ཉེས་མཁྱེན་པའི་ཐོག་ནས་གུས་བཀུར་ཆེན་པོས་ཕྱིར་བསྡུ་གནང་བར་སྨར་ཚང་ལས་ཁུངས་ནས་ཐུགས་རྗེ་ཆེ་ཞུས་ཀྱི་ཡོད། ཆོས་ལུགས་ཉམས་གསོ། རིགས་གཞུང་བརྒྱུད་འཛིན། ཕ་ཤུལ་བུས་འཛིན། བྱ་གཞག་ལས་ལེགས་གྲུབ་ཀྱི་ནུས་ཤུགས་ནི་རྡོག་རྩ་གཅིག་སྒྲིལ་ཡིན། གཅིག་སྒྲིལ་ནི་དགྲ་ཟླ་བཅོམ་པའི་སྟོབས་ཤུགས་ཡིན། གཅིག་སྒྲིལ་ནི་རང་སྡེ་རྒྱས་པའི་སྲོག་རྩ་ཡིན། གཅིག་སྒྲིལ་ནི་ཕུན་འབྱུང་གི་ནུས་པ་ཡིན། གཅིག་སྒྲིལ་ནི་ཡར་རྒྱས་ཀྱི་འགོ་མ་ཡིན། གཅིག་སྒྲིལ་ནི་བདེ་སྐྱིད་ཀྱི་ས་བོན་ཡིན་པས། རྒྱལ་ཁབ། མི་རིགས། ཆོས་ལུགས། ཁྱིམ་ཚང་སོགས་དྲོན་སྐྱིད་ལྡན་པ་ཞིག་དགོས་ན་གཅིག་སྒྲིལ་དགོས། བཀའ་བརྒྱུད་ཀྱི་བསྟན་པ་འདི་རྒྱས་དགོས་ན་གཅིག་སྒྲིལ་ལ་འབད་པར་བྱའོ། །
སྨར་ཚང་བཀའ་བརྒྱུད་ཀྱི་བདེ་གཤེགས་སྨན་བླའི་ཆོ་ག་བཞུགས་སོ། །
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་ཕྱག་སྲོལ་ལྟར་འདོན་ཆོག་གི་རིམ་པ་ཐམས་ཅད་ལེགས་གྲུབ་ཟིན་པའི་ནང་ནས་དབྱིན་ཡིག་ཐོག་ཏུ་པར་བསྐྲུན་བྱེད་པའི་ཆོ་ག་ཐོག་མ་འདི་ཡིན།
ཆོ་ག་འདི་དོན་གཉེན་ཅན་ཡོད་ན་ཡིག་ཚང་ལ་འབྲེལ་གཏུགས་གནང་རོགས།
སྨར་ཚང་བཀའ་བརྒྱུད་ལས་ཁུངས་ནས་སྨར་ཚང་གི་ཆོས་ཚན་འགའ་ཞིག་པར་བསྐྲུན་ཟིན་ཀྱང་ཐེ་ཝན་དང་ཨ་རི་ལ་སྨར་ཚང་བཀའ་བརྒྱུད་ཀྱི་མིང་ཐོག་ནས་ཆོས་ལོག་སྤེལ་མཁན་རྒྱ་བླ་རྫུན་མ་འུ་འུར་ཐོ་ཟེར་བ་ཞིག་གིས་ཚོགས་པ་ཡོད་པས་རྐྟེན་གྱིས་གནས་སྐབས་རིང་ཁྱབ་སྤེལ་བྱ་རྒྱུ་ལ་བསམ་ཞིབ་ནན་པོ་མ་བྱེད་དཀའ་མེད་དུ་གྱུར་ཡོད།
སྨར་ཚང་བཀའ་བརྒྱུད་ཀྱིས་ཕྱི་ལོ་༢༠༡༣་ལོ་སློབ་ཚན་གྱི་གསལ་བསྒྲག་ཞིབ་ཕྲ་དབྱིན་ཡིག་དྲ་བ་ལ་གཟིགས་པར་འཚལ།
འགྲོ་མགོན་གངས་རི་ཀརྨ་རིན་པོ་ཆེ་མཆོག་གིས་ཕྱི་ལོ་༢༠༡༢་ལོ་ཟླ་བ་༩་པ་ནང་དུ་དབྱིན་ལེན་གྱི་རྒྱལ་ས་ལོ་སྒྲོན་སོགས་ས་གནས་ཁག་གསུམ་ལ་བཀའ་ཆོས་ཡོད། བཀའ་ཆོས་དེ་ནི་དཔལ་འབྱོར་ཉམས་གུད་འགྲོ་བཞིན་པའི་དུས་དེ་མི་རྣམས་སེམས་ཁམས་འཁྲུག་ནས་ཉིན་མོ་བློ་རིག་གཏན་པོ་མེད་པ་དང་མཚན་མོར་གཉིད་མིན་ཁུག་པའི་སྐྱེ་བོ་རྣམས་ཀྱི་ཆེད་དུ་ཡིན་འདུག རང་སེམས་ནང་དུ་བསྡུས་ནས་གཉིད་ཁུག་ན་རླུང་ཁམས་ཞི་འཇམ་དུ་འགྲོ་བ་དང་རླུང་མཉམ་པོ་དང་ཞི་འཇམ་དུ་འགྲོ་ན་ལུས་ཀྱི་རོ་སྟོད་ན་བ་སོགས་ལུས་ཀྱི་ངལ་བ་རྣམས་རང་ཤུགས་ཀྱིས་སངས་ཐུབ་ངེས་ཡིན་པས་པཎ་ཆེན་ནྰ་རོ་པའི་སྙན་བརྒྱུད་ལས་བྱུང་བའི་རྨི་ལམ་འོད་གསལ་ཀྱི་སྔོན་འགྲོ་རང་སེམས་རང་ལུས་ལ་བསྡུས་ནས་གཉིད་ཀྱི་སྒོམ་ཇི་ལྟར་སྤྱོད་ཚུལ་བསྐོར་གསུང་གཏན་ཁེལ་ཡོད།
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱིས་གསལ་བསྒྲག །
སྨར་ཚང་བཀའ་བརྒྱུད་ཀྱིས་གསལ་བསྒྲག །
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་གསལ་བསྒྲག
སྨར་ཚང་བཀའ་བརྒྱུད་ཀྱིས་ཕྱི་ལོ་༢༠༡༢་ལོ་ཟླ་བ་གཉིས་པ་དང་གསུམ་པ་བཞི་པ་བཅས་མཛད་རིམ་གསལ་བསྒྲག །ཞི་བ་ཕྲ་བཤམ་དུ་རེའུ་མིག་ལ་གཟིགས་རོགས།
འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱིས་གསལ་བསྒྲག །
Bardo - Brighton Timetable 2012
Friends Meeting House
Ship Street
Brighton BN1 1AF
Rinchen Tsomo (Tracy) : 07983177114 or
Angie : 07879774088
Date
|
Time
|
Class
| |
Friday 20January
|
3-5pm
|
Lecture Room
| |
Friday 3February
|
3-5pm
|
Lecture Room
| |
Friday 17 February
|
3-5pm
|
Lecture Room
| |
Friday 2March
|
3-5pm
|
Lecture Room
| |
Friday 16March
|
3-5pm
|
Lecture Room
| |
Friday 30March
|
3-5pm
|
Lecture Room
|
Bardo - London Timetable 2012
Camden Chinese Community Centre
9 Tavistock Place (nr Russell Square tube)
London WC1H 9SN
Rinchen Tsomo (Tracy) : 07983177114 or
Angie : 07879774088
Date
|
Time
|
Class
| |
Saturday 25February
|
2-4pm
|
Meeting room
| |
Saturday 17 March
|
2-4pm
|
Meeting room
| |
Saturday 24 March
|
2-4pm
|
Meeting room
|
S L E E P M E D I T A T I O N
Sleep Meditation is a deep meditation practice in traditional Tibetan Buddhism that involves meditation and yoga whilst you sleep.
We will introduce to you a particular kind of sleep meditation that is extremely relaxing and beneficial for your health. During sleep the body goes into repair mode and regenerates skin, muscles, blood and brain cells. Sleep meditation helps you obtain the deepest benefits possible.
Sleep Meditation - Hove Timetable 2012
Cornerstone Community Centre
Church Road
Hove BN3 2FL
Rinchen Tsomo (Tracy) : 07983177114 or
Angie : 07879774088
Date
|
Time
|
Class
| |
Saturday 14January
|
2.30-4.30pm
|
Café Room -2nd floor
| |
Saturday 21January
|
2.30-4.30pm
|
Café Room -2nd floor
| |
Saturday 4February
|
2.30-4.30pm
|
Café Room -2nd floor
| |
Saturday 11 February
|
2.30-4.30pm
|
Café Room -2nd floor
| |
Saturday 3March
|
2.30-4.30pm
|
Café Room -2nd floor
| |
Saturday 10 March
|
2.30-4.30pm
|
Café Room -2nd floor
|
The course fee will offer a 10% discount for the course if you pay full amount.
Sleep Meditation - London Timetable 2012
Camden Chinese Community Centre
9 Tavistock Place
(nr Russell Square Tube)
London WC1H 9SN
Rinchen Tsomo (Tracy) : 07983177114 or
Angie : 07879774088
Date
|
Time
|
Class
| |
Saturday 28 January
|
2-4pm
|
Meeting room
| |
Saturday 18 February
|
2-4pm
|
Meeting room
|
Please note that Rinpoche will be using an interpreter.
How to Book
ONLINE BOOK
Ticket can be purchased in advance from our website at www.buddhistmeditation.org.uk (no booking fee)
BY CHEQUE/CASH
To book any of our courses or events, please fill in our booking form and send it to us with a cheque made out to ‘Chokyi Gyaltsen’ for the full amount. Your ticket will be sent on receipt of the fee.
If you wish to pay by cheque/cash, please contact with Rinchen Tsomo or Angie for more information. Please use your name as the payee reference.
Rinchen Tsomo (Tracy) : 07983177114 or
Angie : 07879774088
Refund policy
We will refund full of course fee to you if you inform us before ONE WEEK of courses starting.
Afterward, we are very sorry that we are unable to refund course fee to you.
Afterward, we are very sorry that we are unable to refund course fee to you.