རྗེ་འགྲོ་མགོན་རིན་ཆེན་ནི་ཕྱི་ལོ་༡༡༧༠་ལྕགས་སྟག་དབྱར་ཟླ་དང་པོ་ཚེས་༡༠་ལ་སྨར་ཁམས་སྟག་ར་རིན་ལྡན་ཚང་ཁྱིམ་དུ་ཡབ་ནོར་བཟང་ལྷ་རྒྱས་དང་ཡུམ་པདྨ་ཆོས་མོ་གཉིས་ལས་སྐུ་འཁྲུངས།
བྱིས་དུས་རས་ཆུང་པའི་སྐྱེ་བ་ཡིན་པར་དྲན། དགུང་ལོ་བཅུ་གསུམ་ལ་གསེར་ཏོག་དགོན་དུ་ཞུགས་ནས་དགེ་བཤེས་ཡེ་ཤེས་འོད་ཟེར་དང་།
དར་མ་རིན་ཆེན་ལས་རབ་ཏུ་བྱུང་། མཚན་རིན་ཆེན་ནོར་བུ་གསོལ། བླ་མ་དེ་གཉིས་ལས་མདོ་གཞུང་དང་གསོ་སྨན་སོགས་ལ་བྱང་ཆུབ་པར་མཛད།
དགུང་ལོ་ཉི་ཤུ་ལ་གསང་ཕུ་ནེའུ་ཐང་དུ་ཕེབས་ནས་ཕྱྭ་བ་ཆོས་སེང་། གླན་རྒྱལ་བ་སོགས་ལས་ཆོས་ཚུལ་འགའ་གསན། འཇིག་རྟེན་མགོན་པོ་དང་དུས་མཁྱེན། ཤཱཀྱ་ཡེ་ཤེས་སོགས་ལས་བསྙེན་པར་རྫོགས། བླ་མ་དེ་དག་ལས་གསང་སྔགས་ཀྱི་ཆོས་མང་པོ་གསན། ཉི་མ་འོད་ཟེར་གྱིས་ལུང་བསྟན་ལྟར་སྨར་པའི་ཞབས་ལ་གཏུགས་ནས་ཕྱག་ཆེན་སོགས་བཀའ་བརྒྱུད་ཀྱི་གདམས་ངག་རྣམས་ལ་གསན་བསམ་སྒོམ་གསུམ་བྱས་པས་ཕྱག་ཆེན་གྱི་ལྟ་བ་རྟོགས། ཡི་དམ་ལྷས་ཞལ་གཟིགས། ཕྱི་ལོ་༡༢༠༠་ལོར་ཙོམ་མདོ་གནས་གསར་དགོན་པ་ཕྱག་བཏབ། ཐོག་མ་དགེ་འདུན་གཅིག་སྟོང་གསུམ་བརྒྱ་ལ་འཆད་ཉན་སྤེལ། ནང་རྟེན་སྟོན་པ་ལི་ཁྲི་ལས་གྲུབ་པ་ཐོག་ཚད་མ། སྒྲོལ་མ། འཇམ་ཕྱག་སྤྱན་གསུམ། གུ་རུ་སྣང་སྲིད་ཟིལ་གནོན། ལྷ་འདུས་ཉམས་གསོ། ཆོས་རྗེ་སྨར་པའི་གསེར་གདུང་མཆོད་རྟེན་ཐོག་ཚད་མ། བཀའ་འགྱུར་གསེར་བྲིས་དང་དངུལ་བྲིས། སྨར་པའི་གསུང་འབུམ་ཤིང་སྤར་བརྐོས་པ་སོགས་རྟེན་བཞེངས་རྒྱ་ཆེར་མཛད། ཡང་དགོན་པ་རྒྱལ་ཚབ་བསྐོས། བྲ ག་འགོ་དགོན་དང་རྒྱ་གཉེན་དགོན་བཏབ། ཙོང་ཤོད་ཀྱི་གནས་སྒོ་ཕྱེ། བྱང་ཆུབ་དགོན་དང་འབུམ་དགོན་བཏབ། གསེར་ཏོག་དགོན་དུ་དར་མ་རིན་ཆེན་དང་། ཡེ་ཤེས་འོད་ཟེར་གཉིས་ཀྱི་གདུང་རྟེན་བཞེངས། སྟག་ར་ལ་འབྲུམ་ནད་བྱུང་བས་སྨན་སྦྱིན་གྱིས་གྲོལ་བར་མཛད། ཁྱུ ང་འབུམ་དུ་རྫོང་འགོ་དགོན། བུམ་རྭ་དགོན། ཡངས་རི་དགོན། ཧ་ཆེ་དགོན་བཅས་བཏབ། ཝ་དུང་དགོན། ནམ་མཁའ་བཀྲ་ཤིས། ལོ་སྨད་དགོན། རོང་དགོན། ཀོལ་ཁྲོམ་དགོན། འདོར་བཟང་དགོན་སོགས་བཞེངས། ས་ཐང་ལ་སུ་རི་དགོན། འཇང་དོན་འགྲུབ་དགོན་སོགས་སྐུ་ཚེ་གཅིག་ལ་དགོན་ལག་བདུན་ཅུ་དོན་གཅིག་བཏབ། ས་པཎ་ཁུ་ཚ་གཉིས་བསུ་སྐྱེལ་དང་། བཀའ་འགྱུར་གསེར་བྲིས་བརྒྱ་དང་བརྒྱད་བཞེངས་ནས་དགོན་ལག་རྣམས་ལ་མཆོད་རྟེན་དུ་བསྩལ། ཕྱི་ལོ་༡༢༤༩་དབྱར་ཟླ་༧་ཚེས་༡༥་ལ་སྐྱེ་སྤྲུལ་བཅུ་དྲུག་གི་བར་སྨར་ཚང་བསྟན་པའི་མེ་རོ་གསོ་བར་ལུང་བསྟན་ནས་བདེ་བར་གཤེགས། བུ་སློབ་རྟོགས་ལྡན་བྲག་ཀ་བ། གཡུ་རལ་གྲུབ་ཐོབ། གྲུབ་ཐོབ་ཐང་གཏོང་བ། སྟོན་པ་ཚུལ་ཁྲིམས་གཞོན་ནུ། ཀརྨ་སེངྒེ་། ཉི་མ་སེངྒེ་། སྟག་གཡག་དཔལ་ལྡན། ནམ་མཁའ་བཟང་པོ། ཡེ་ཤེས་དབང་ཕྱུག་སོགས་མང་དུ་བྱོན།
རྣམ་ཐར་འདིའི་བདག་དབང་སྨར་ཚང་བཀའ་བརྒྱུད་རྒྱལ་ཡོངས་ལས་ཁུངས་ལ་ཡོད་པས་ཆོག་མཆན་མེད་པར་ཕབ་ཤུལ་མི་ཆོག་པར་མཛོད། །