བཀའ་བབས་བཞིའི་བླ་བརྒྱུད་ཟུར་ཙམ་བཀོད་པ

                བཀའ་བབས་བཞིའི་བརྒྱུད་པའི་བསྐོར་ཟུར་ཙམ་གླེང་།


བཀའ་བབས་དང་པོ། བཀའ་བབས་གཉིས་པ།   བཀའ་བབས་གསུམ་པ།  བཀའ་བབས་བཞི་པ།

 ༼༡༽རྡོ་རྗེ་འཆང་།      

༼༢༽རྒྱལ་པོ་ཨིནྡྲ་བོ་དྷི།          

༼༣༽ཀླུའི་རྣལ་འབྱོར་མ།     

༼༤༽ས་བདག་བི་སུ་ཀ་ལ།       

༥༽གྲུབ་ཆེན་ས་ར་ཧ་པ།        

  ༼༦༽མགོན་པོ་ཀླུ་སྒྲུབ།       

༼༧༽གྲུབ་ཆེན་ཏེེ་ལོ་པ།      

    ༨ པཎ་ཆེན་ནྰ་རོ་པ།                           

        ༩ སྐྱབས་མགོན་མར་པ་ལོ་ཙྭ་བ་ཆོས་ཀྱི་བློ་གྲོས་བར་དུ་གསང་བ་འདུས་པ་དང་རྡོ་རྗེ་གདན་བཞི། པཎ་ཆེན་ནྰ་རོ་པའི་ཆོས་དྲུག་གི་ནང་གསེས་སྒྱུ་ལུས་དང་འཕོ་བའི་གདམས་ངག་གི་བརྒྱུད་པ་ཟབ་མོ་ཡོད།

 ༡ རྒྱལ་བ་རྡོ་རྗེ་འཆང་།

༢ ཡེ་ཤེས་ཀྱི་མཁའ་འགྲོ་མ། 

༣ གྲུབ་ཆེན་ཀུ་ཀུ་རི་པ། 

༤ གྲུབ་ཆེན་ནག་པོ་སྤྱོད་པ།

༥ གྲུབ་ཆེན་ཏེེ་ལོ་པ་ཤེས་རབ་བཟང་པོ།

 ༦ པཎ་ཆེན་ནྰ་རོ་པ། 

༧ སྐྱབས་མགོན་མར་པ་ལོ་ཙྭ་བ་ཆོས་ཀྱི་བློ་གྲོས་ལ་སྒྱུ་མ་ཆེན་མོ་དང་པཎ་ཆེན་ནྰ་རོ་པའི་ཆོས་དྲུག་གི་གནང་གསེས་རྨི་ལམ་གྱི་བཀའ་བབས་ཟབ་མོའི་སྙན་བརྒྱུད་ཡོད།

༡ རྒྱལ་བ་རྡོ་རྗེ་འཆང་།

༢ ཕྱག་ན་རྡོ་རྗེ།

༣ གྲུབ་ཆེན་ཌོམ་བྷི་པ།

༤ གྲུབ་ཆེན་བྷི་ནྰ་བཛྲ།

༥ གྲུབ་ཆེན་ལ་ཝ་བ་པ། 

༦ གྲུབ་ཆེན་ཏེེ་ལོ་པ་ཤེས་རབ་བཟང་པོ།

༧ པཎ་ཆེན་ནྰ་རོ་པ།

༨ སྐྱབས་མགོན་མར་པ་ལོ་ཙྭ་བ་ཆོས་ཀྱི་བློ་གྲོས་ལ་འཁོར་ལོ་བདེ་མཆོག་སོགས་མར་བརྒྱུད་དང་པཎ་ཆེན་ནྰ་རོ་པའི་ཆོས་དྲུག་གི་ནང་གསེས་འོད་གསལ་གྱི་བཀའ་བབས་ཟབ་མོའི་སྙན་བརྒྱུད་ཡོད།

༡ རྒྱལ་བ་རྡོ་རྗེ་འཆང་།

༢ ཕྱག་ན་རྡོ་རྗེ།

༣ པདྨ་བཛྲ།

༤ མཁའ་འགྲོ་མ་སྐལ་བ་བཟང་མོ།

༥ གྲུབ་ཆེན་ཏེེ་ལོ་པ་ཤེས་རབ་བཟང་པོ། 

༦ པཎ་ཆེན་ནྰ་རོ་པ། 

༧ སྐྱབས་མགོན་མར་པ་ལོ་ཙྭ་བ་ཆོས་ཀྱི་བློ་གྲོས་ལ་དགྱེས་པ་རྡོ་རྗེ་དང་པཎ་ཆེན་ནྰ་རོ་པའི་ཆོས་དྲུག་གི་ནང་གསེས་གཏུམ་མོའི་བཀའ་བབས་ཟབ་མོའི་སྙན་བརྒྱུད་ཡོད། སྐྱབས་མགོན་མར་པ་ལོ་ཙྭ་བ་ཆོས་ཀྱི་བློ་གྲོས་ལ་ཞལ་སློབ་བགྲངས་བྱ་ལས་འདས་པ་བྱོན་པའི་ནང་ནས་བཀའ་བབས་ཀྱི་བུ་ཆེན་བཞི་ནི་རྔོག་ཆོས་སྐུ་རྡོ་རྗེ་ལ་རྒྱུད་སྡེའི་བཤད་སྲོལ་གྱི་བཀའ་བབས་བསྩལ། མཚུར་སྟོན་དབང་གི་རྡོ་རྗེ་ལ་སྙན་བརྒྱུད་འཕོ་བའི་མན་ངག་གི་བཀའ་བབས་བསྩལ། གཙང་གི་མེས་སྟོན་ཚོན་པོ་ལ་སྙན་བརྒྱུད་འོད་གསལ་གྱི་བཀའ་བབས་བསྩལ། རྗེ་བཙུན་མི་ལ་རས་པ་ལ་སྒྲུབ་རྒྱུད་བསྟན་པའི་བཀའ་བབས་བསྩལ་བ་རྣམས་བདེ་གཤེགས་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་མཆོག་གིས་ཐོས་བསམ་སྒོམ་གསུམ་མཛད་པའི་ཉམས་ལེན་གྱི་རྒྱུད་པ་དྲོན་མོ་རྣམས་ཆོས་རྗེ་སྨར་པ་རིན་པོ་ཆེ་ཤེས་རབ་ཡེ་ཤེས་དཔལ་བཟང་པོ་མཆོག་ལ་གནང་བ་ནས་བཟུང་འགྲོ་མགོན་སྨར་ཚང་བཀའ་བརྒྱུད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་མཆོག་རྗེ་འགྲོ་མགོན་རིན་ཆེན། རྒྱལ་བ་ཡང་དགོན་པ་ཡེ་ཤེས་རྒྱལ་མཚན་སོགས་ནས་སྨར་ཚང་བླ་མ་རྣམས་ཀྱིས་ཀྱང་བརྒྱུད་འཛིན་གནང་སྲོལ་ཡོད།   འདིའི་འཕྲོ་མུ་འགོད།
   

༄༅།། སྨར་ཚང་བསྟན་རྒྱས་སྨོན་ལམ།

ཨོཾ་སྭ་སྟི། །བསྟན་པ་གངས་རིར་སྲི་ཞུའི་ཆུ་རྒྱུན་གྱིས། །ཚོགས་གཉིས་རྨད་བྱུང་ཡོན་ཏན་པདྨོ་ལ། །འཕྲིན་ལས་འདབ་རྒྱས་ལམ་བཟང་འཛུམ་བཞད་ནས། །སྐལ་བཟང་བདེ་སྟོང་སྦྲང་རྩིར་རོལ་གྱུར་ཅིག །གཟུང་འཛིན་རྦ་རླབས་བྱིང་རྒོད་འཕྱུར་བ་ཀུན། །གཡོ་མེད་སེམས་མཆོག་ཆུ་བོ་གཅིག་བསྒྲིལ་ཏེ། །ཞི་ལྷག་རྒྱ་མཚོ་ངང་ཚུལ་བསྟེན་བྱེད་ནས། །སྐུ་བཞི་བརྙེས་མཛད་སྨར་ཚང་རྒྱས་གྱུར་ཅིག །མཁས་མང་རྒྱ་མཚོ་རྟོགས་ལྡན་ངང་པའི་ཁྱུ། །སྒོམ་ལྔའི་སྒྲོ་རྒྱས་སྟོང་ཉིད་རླུང་ཤུགས་ཀྱི། །ཡེ་ཤེས་ལྔ་ཡི་མཁའ་ལ་ལྡིང་བྱེད་པའི། །སྨར་ཚང་བཤད་སྒྲུབ་འཛམ་གླིང་ཁྱབ་གྱུར་ཅིག །ཤོ་ཙོམ་ཉི་ཟླ་མུན་སེལ་ཟུང་གཅིག་སྲོལ། །དུས་ཀྱི་དབང་གིས་ནུབ་ཏུ་གཤེགས་གྱུར་ཀྱང་། །སླར་གསོ་འདུན་སྡེ་སྐྱ་རེངས་མྱུར་ཤར་ནས། །མཁས་གྲུབ་ཉིན་བྱེད་རིང་ལུགས་གསལ་གྱུར་ཅིག །ཡེ་ཤེས་སྤྱན་ལྡན་སྨར་ཚང་ཆོས་སྲུང་ཀུན། །གཡེང་དུས་ལས་བཞེངས་བསྟན་དགྲ་ཚར་གཅོད་ནས། །བསྟན་འཛིན་སྦྱིན་བདག་མངའ་ཐང་མྱུར་རྒྱས་ཏེ། །བཀྲ་ཤིས་སྙན་གྲགས་སྲིད་གསུམ་ཁྱབ་པར་མཛོད། ཅེས་སྨར་ཚང་བསྟན་རྒྱས་སྨོན་ལམ་འདི་གངས་རི་ཀརྨ་ཆོས་ཀྱི་རྒྱལ་མཚན་གྱིས་ཕྱི་ལོ་༢༠༠༩་ཕྱི་ཟླ་༦་ཚེས་༢༣་དབྱིན་ལེན་གྱི་རྦུ་རེ་ཐིན་དུ་བྲིས་སོ།