རྒྱ་ཆེར་ཡོན་ཏན་མ་ལུས་སྟོབས་རྒྱས་ནས། །
ཤེས་བྱའི་གནས་ཀུན་མཁྱེན་པའི་པཎྚི་ཏ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
ཕར་མཐའ་བྲལ་བའི་དབུ་མའི་ལྷ་ལམ་ལས།
།
རྟེན་འབྱུང་ལྟ་བའི་ཉིན་བྱེད་འོད་རླབས་ཀྱིས། །
སྒྲིབ་གཉིས་མུན་པའི་སྨག་རུམ་གསལ་བྱེད་པ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས།
རྟེན་འབྱུང་ལྟ་བའི་ཉིན་བྱེད་འོད་རླབས་ཀྱིས། །
སྒྲིབ་གཉིས་མུན་པའི་སྨག་རུམ་གསལ་བྱེད་པ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས།
ཚུལ་ཁྲིམས་ཉེས་པའི་དྲི་མ་རྡུལ་ཙམ་ཡང་།
།
གོས་མེད་ངུ་སྨྲིག་འཛིན་པ་ཤྰཀྱའི་སྲས། །
མཐོང་ན་མི་མཐུན་མེད་པ་མཛེས་པའི་སྐུ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
སྙིང་རྗེ་སེམས་ཀྱི་རྐང་འཐུང་སྐྱེད་ཚལ་དུ། །
བྱང་སེམས་རྨ་བྱའི་སྒྲོ་གུར་ཕུབ་བྱེད་པའི། །
འགྲོ་ཀུན་ཕན་བདེ་ཆེན་པོས་ཚིམ་མཛད་པ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
གོས་མེད་ངུ་སྨྲིག་འཛིན་པ་ཤྰཀྱའི་སྲས། །
མཐོང་ན་མི་མཐུན་མེད་པ་མཛེས་པའི་སྐུ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
སྙིང་རྗེ་སེམས་ཀྱི་རྐང་འཐུང་སྐྱེད་ཚལ་དུ། །
བྱང་སེམས་རྨ་བྱའི་སྒྲོ་གུར་ཕུབ་བྱེད་པའི། །
འགྲོ་ཀུན་ཕན་བདེ་ཆེན་པོས་ཚིམ་མཛད་པ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
འཆད་པའི་གསུང་དབྱངས་སེངྒེའི་ང་རོ་ལྡིར།
།
རྩོད་པའི་དམ་བཅའ་ཐོ་ཡོར་འབིག་པར་བྱེད། །
རྩོམ་པའི་ཚིག་རེ་མན་ངག་ཀུན་འདུས་པའི། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
བརྗོད་བྲལ་ཆོས་ཉིད་ཡེ་ཤེས་ནམ་མཁའ་ལས། །
བཤད་སྒྲུབ་བསྟན་པའི་ཟླ་འོད་རབ་འཕྲོས་ནས། །
སྐྱེ་དགུའི་སེམས་ཀྱི་མུན་པ་བསལ་མཛད་པ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
གསང་ཆེན་ཐེག་པའི་མན་ངག་མཛོད་གྱུར་པའི། །
སྙན་བརྒྱུད་བཀའ་བབས་འཛིན་ལ་ཟླ་བྲལ་བ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
རྟོགས་པ་ནམ་མཁའ་མཉམ་པ་ཉིད་གྱུར་ནས། །
ཟབ་ཆོས་ཉི་འོད་འགྲོ་ལ་འཕྲོག་མཛད་པ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
དོན་སྙིང་མན་ངག་ཟབ་ཆོས་མཛུབ་ཁྲིད་ཀྱིས། །
གདུལ་བྱ་ཐར་པ་འདྲེན་པའི་དེད་དཔོན་མཆོག །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
བདེ་དགྱེས་གསང་གསུམ་ཡི་དམ་ལྷ་ཚོགས་ཀྱི། །
དཀྱིལ་འཁོར་ལྷང་ངེ་གསལ་བའི་རྣལ་འབྱོར་པ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས།
རླུང་སེམས་དབང་བསྒྱུར་དྲི་མ་ཀུན་ཟད་ནས། །
འགྲོ་འདུལ་སངས་རྒྱས་གཉིས་པ་ཉིད་གྱུར་པའི། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
ཆོས་ཉིད་བདེ་སྟོང་རོ་གཅིག་མྱོང་བ་གཉིས། །
མཉམ་རྗེས་སྣང་བ་དབྱེར་མེད་རྡོ་རྗེ་འཆང་། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
སྙན་བརྒྱུད་སྒྲུབ་པའི་བ་དན་བསྒྲེང་ཕྱིར་ཏུ། །
སྨར་ཚང་བཤད་སྒྲུབ་བསྟན་པའི་སྲོལ་བཏོད་པ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་མ་ཀུན། །
བྲན་དུ་འཁོར་བའི་མཐུ་སྟོབས་རྫུ་འཕྲུལ་ཅན། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
དྲུག་ཅུ་རེ་དགུར་འདས་པར་ལུང་བསྟན་པའི། །
ཀུན་མཁྱེན་ཡེ་ཤེས་ཕུང་པོ་མངོན་གྱུར་པ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
མཁའ་འགྲོ་དཔག་མེད་རྒྱུད་མང་སྒྲོག་བཞིན་དུ། །
དག་ཞིང་བྱོན་པའི་ངོ་མཚར་སྟོན་མཛད་པ། །
སྨར་པ་རིན་པོ་ཆེ་ལ་གསོལ་བ་འདེབས། །
དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར། །
ཁྱོད་ཀྱི་བསྟན་ལ་སྲི་ཞུ་བསྒྲུབས་པའི་མཐུས།
།
མགོན་ཁྱོད་ཞབས་དྲུང་མྱུར་དུ་སྐྱེ་འགྱུར་ནས། །
ཕྱག་ཆེན་ལྟ་བ་ཟབ་མོ་མཇལ་བར་ཤོག །
ཅེས་ཆོས་ཀྱི་རྒྱལ་པོ་སྨར་པ་རིན་པོ་ཆེ་ལ་མི་ཕྱེད་དད་པའི་རྗེས་འབྲང་པ་འགྲོ་མགོན་གངས་རི་ཀརྨའི་སྐྱེ་རབས་ཀྱི་གྲས་མཐར་ཆུད་པ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་རང་ལོ་༤༦་སོན་པའི་ཕྱི་ལོ་༢༠༡༡་ལོ་ཟླ་༩་ཚེས་༨་ཆོས་རྗེ་བདེ་བར་གཤེགས་པའི་ཉིན་མོར་བྲིས་པ་འདི་ཉིད་ཆོས་རྗེ་བླ་མ་དགྱེས་པའི་རྒྱུར་གྱུར་ཅིག
།